John Doe

John Doe

Click edit button to change this text. Lorem ipsum dolor sit amet consectetur adipiscing elit dolor


༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཚེ་སྒྲུབ་ཀྱི་ཞབས་རིམ།

 

༄༅། །ལྷག་བསམ་གཏོང་ཕོད་ཅན་གྱི་དད་ལྡན་སྦྱིན་བདག་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར།

འདི་གར་སངས་རྒྱས་སྟོང་སྐུ་དང་བཞུགས་གནས་ལྷ་ཁང་གི་ལས་གཞིར་ཁྱེད་གཏོང་ཕོད་ཅན་རྣམས་ཀྱིས་ཞལ་འདེབས་གནང་བར་བརྟེན་ལས་གཞི་དེ་ཆ་ཚང་ལེགས་སྒྲུབ་ཟིན་པས་ཁྱེད་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༡ ཉིན་སངས་རྒྱས་སྟོང་སྐུའི་ལྷ་ཁང་དེ་དབུ་འབྱེད་རྟེན་འབྲེལ་མཛད་སྒོ་གནང་རྒྱུ་ཡིན་ཞིང། ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༦ ཉིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་། དེ་ནས་བཟུང་ཉིན་ལྟར་པཱ་ལའི་སྐད་ཐོག་ནས་སྐྱབས་མགོན་ཡིད་བཞིན་ནོར་བུའི་སྐུ་ཚེ་ཚེ་སྒྲུབ་དང་ཞབས་བརྟན་གསུང་རྒྱུ་ཡིན་ལགས། པཱ་ལི་སྐད་ཀྱི་ཐོག་ནས་ཁོང་གི་སྐུ་ཚེའི་ཞབས་བརྟན་འདི་ནི་ལོ་རྒྱུས་ནང་ཐེངས་དང་པོ་ལྟ་བུར་མངོན།

ཞལ་འདོན་གསུང་སྒྲུབ་ཆེད་ཉིན་རེར་སིངྒ་ལའི་དགེ་འདུན་པ་བཞི་གདན་ཞུ་གནང་རྒྱུ་དང་། དགེ་འདུན་ཞལ་གྲངས་བཞིའི་ཞལ་ལག འཁོར་གླ། དེ་བཞིན་ལེགས་གསོལ་སྐུ་འགྱེད་བཅས་ལ་ཉིན་རེར་ཨ་སྒོར་ ༡༡༣ རེ་འགྲོ་སོང་འགྲོ་བཞིན་ཡོད་སྟབས། གལ་ཏེ་རྣམ་པ་ཚོའི་ངོས་ནས་ཉིན་གཅིག་གམ་གཉིས། ཡང་ན་ཉིན་ཤས་ཀྱི་སྦྱིན་བདག་གནང་འདོད་ཡོད་ཚེ་གཤམ་གསལ་ཆོས་ཚོགས་ཀྱི་ཁ་པར་དང་གློག་འཕྲིན་ཐོག་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ་རྒྱུ།

དམིགས་བསལ་ཞུ་རྒྱུ་ཞིག་ལ་རྒྱལ་བའི་འཁྲུངས་སྐར་ཉིན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་ལྟར་ཤྲཱི་ལངྒའི་ནང་གི་མགོན་པ་ ༡༡༣ ནས་དགེ་འདུན་ཞལ་གྲངས་ ༡༡༣ གདན་ཞུ་བྱས་ནས་ཆུ་ཚོད་སྐར་མ་ ༡༡༣ རིང་ལ་སྐུ་ཚེ་ཞབས་བརྟན་གྱི་ཞལ་འདོན་གསུང་རྒྱུ་ཡིན།

ཁྱེད་རྣམས་ཀྱིས་མུ་མཐུད་དེ་རྒྱབ་སྐྱོར་དང་རོགས་རམ་གནང་པར་སྙིང་ཐག་པ་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ།

ཤྲཱི་ལངྒའི་སེམས་བསྐྱེད་གླིང་ཆོས་ཚོགས་ནས།

ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༡༤  ལ།།
ཁ་པར་ཨང་གྲངས།  +91 9964793641
གློག་འཕྲིན། [email protected] / [email protected]

Receiver Name:

    Dr. Damenda Porage

Receiver Phone Number:

    +94719552190

Account Name:

Sri Lankan Tibetan Buddhist Brotherhood Society 

Account Number

0091 6000 0276

Bank:

Sampath Bank PLC (7278)

Branch:

Pitakotte (091)

Swift Code:

BSAMLKLX