Several years ago, Dr. Damenda, the Deputy Secretary-General of the International Buddhist Confederation, and others earnestly requested His Eminence Kundeling Tatsak Rinpoche to visit Sri Lanka. And it has also been a long wish of Rinpoche himself too that this time, His Eminence was able to visit Sri Lanka as he was invited as the …
༄༅།། ལོ་ཤས་སྔོན་ནས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་གཞོན་སྐུ་ཞབས་རྡ་མན་རྡ་ར་སོགས་ནས་ཤྲི་ལངྐར་ཕེབས་རོགས་ཞེས་རེ་ནན་གསོལ་འདེབས་ཞུས་ཤིང་། ད་ལམ་ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༠༢ པའི་ཚེས་ ༠༩ ཉིན་པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པའི་སྡེ་ཁག་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་ཆར་ཐེངས་གསུམ་པའི་བགྲོ་གླེང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཇི་ལྟར་གདན་ཞུས་གསོལ་འདེབས་ཞུས་པ་ལྟར་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་དཔལ་བཟང་པོ་མཆོག་ཤྲི་ལངྐར་ཞབས་སོར་བཀོད་ནས། དེ་སྔོན་༸སྤྱི་ནོར་༸གོང་ས་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ལ་སྟོན་པའི་རིང་སྲེལ་འབུལ་མཁན་གྱི་བླ་ཆེན་ཝ་སི་ཀ་གྲུ་མ་ཧིན་དྷ་ཝན་སའི་དགོན་པར་བགྲོ་གླེང་ཚོགས་འཛོམས་ཐོག་རིན་པོ་ཆེ་མཆོག་གང་ཉིད་ནས་ལས་རིམ་གལ་ཆེན་འདིའི་ཐོག་བཅར་རྒྱུའི་གོ་སྐབས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོས་ཐུགས་རྗེ་ཆེ་ཞུས་པ་དང་། མཛད་སྒོའི་ཐོག་ཕེབས་པའི་བླ་ཆེན་ཝ་སེ་ཀ་ཌུ་ཝེ་(Venerable Dr. Waskaduwe Mahindawansa Mahanayaka Thero) མཆོག་ལ་དུས་སྐབས་འདི་དང་བསྟུན། སྔ་ལོར་ཁོང་ཉིད་ནས་༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྟོན་པའི་རིང་བསྲེལ་ཕུལ་གནང་མཛད་པར་ཐུགས་རྗེ་ཆེ་ཞུས་ནས་བོད་དང་སིང་གྷ་ལའི་འབྲེལ་བའི་སྐོར་ཟུར་ཙམ་གླེང་སློང་མཛད།
Get in Touch with Us
We’d love to hear from you—share your thoughts or ask a question!